བོད་ཟླ་བཞི་པའམ་ས་ག་ཟླ་བ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ངོས་ནས་བཤད་ན་འགྱུར་ཤིན་ཏུ་ཆེ་བའི་གལ་ཆེན་གྱི་དུས་ཚོད་ཞིག་སྟེ། དེ་ནི་བདག་ཅག་གི་སྟོན་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་སུམ་འཛོམས་ཀྱི་ཟླ་བ་ཞིག་ཡིན། དུས་ཚོད་ཁྱད་པར་ཅན་འདི་འདྲའི་སྐབས་སུ་མི་སུ་ཞིག་གིས་དགེེ་སྒྲུབ་སྡིག་སྤང་བྱས་ན་དགེ་བ་སྟོབས་ཆེན་དུ་འགྱུར་འགྲོ་བས་ཐམས་ཅད་ཀྱིས་འབད་པ་རྒྱ་ཆེར་གནང་བའི་རེ་བ་དང་། ལྷག་པར་དུ་ང་ཚོ་ཚང་མ་བོད་ཆོས་ལྡན་གྱི་ཞིང་དུ་སྐྱེས་ཤིང་བརྩེ་བ་སྙིང་རྗེ་ལྡན་པའི་མི་རིགས་ཤིག་ཡིན་པའི་ཆ་ནས། ཐམས་ཅད་ཀྱིས་མི་ཚེ་གཅིག་ལ་དཀར་ཟས་ཟ་མཁན་རྣམས་ལ་མིག་དཔེ་བལྟས་ནས། ས་ག་ཟླ་བ་འདི་ལ་དམར་ཟས་ཀྱི་རིགས་སྤངས་ཏེ། ཟླ་འདི་ལ་དཀར་ཟས་ཟླ་བ་འམ། ཤ་མི་ཟ་བའི་ཟླ་བ་ཞེས་པའི་གོམ་སྲོལ་ཞིག་ཆགས་ཐུབ་ན་ཤིན་ཏུ་ནས་གཟི་བརྗིད་དང་ལྡན་པ། དོན་དང་ལྡན་པ་ཞིག་ཡིན་པས་ཐམས་ཅད་ཀྱིས་ཐུགས་བསམ་ནན་ཏན་བཞེས་ཏེ། རང་ཉིད་ནས་མགོ་རྩམ་ཏེ་ལག་ལེན་གྱི་ཐོག་ཏུ་འགྲོ་རྒྱུ་སྙིང་ཐག་པ་ནས་རེ་བ་དང་བཅས་གུས་པས་ཐལ་མོ་སྦྱར་བའོ།། གལ་སྲིད་གྲོགས་པོ་ཁྱེད་ཞི་བདེ་དང། འཆམ་མཐུན། འདྲ་མཉམ། དྲང་བདེན། སྙིང་རྗེ་སོགས་ལ་དགའ་བོ་ཡོད་ན། ཁྱེད་ཀྱིས་ཉེ་འཁོར་གྱི་གྲོགས་པོ་ཚོར་བརྒྱུད་བསྐུར་གནང་རོགས། བཀའ་དྲིན་ཆེ།




















